金佰利国际娱乐官网入口 2026年虫草采挖期(5

དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚོད་ནི་མགོ་ལོག་ས་ཁུལ་དུ་ཐོག་སེར་གནོད་རྐྱེན་གྱིས་མི་ཤི་རྨས་འབྱུང་སླ་བའི་བའི་དུས་ཚོད་ཅིག་ཡིན་ལ།ཐོག་སེར་འབྱུང་སླ་བའི་ས་ཁུལ་དང་དབྱར་རྩྭ་དགུན་འབུ་བརྐོ་སའི་གནས་ཡུལ་མང་ཆེ་བ་གཅིག་མཚུངས་ཡིན།དེའི་ཁར་དབྱར་རྩྭ་བརྐོ་མིར་འཕྲལ་བསྟུན་ཤེས་བྱ་དང་ཉེན་གཡོལ་ཤེས་བྱ་སོགས་ཧ་ཅང་ཞན་པས་དོན་རྐྱེན་བྱུང་བའི་ཚད་རིམ་ཇེ་མཐོར་འགྲོ་བཞིན་ཡོད།སྔོན་དཔག་བྱས་ན་2026ལོའི་དབྱར་རྩྭ་བརྐོ་བའི་སྐབས་སུ་མགོ་ལོག་དབུས་ལྷོ་རྒྱུད་དུ་ཐོག་སེར་ཉེན་ཁ་འབྱུང་བའི་ཚད་རིམ་མཐོ་བར་གནས།དབྱར་རྩྭ་བརྐོ་བའི་ས་ཁུལ་གྱི་ས་བབ་མཐོ་བ་དང་བརྡ་རྟགས་ཞན་པ་སོགས་ཀྱི་རྐྱེན་བྱས་ཏེ་གནོད་འགོག་བྱ་བའི་གནས་ཚུལ་སྔར་བཞིན་ཛ་དྲག་ཆེ།སྲིད་གཞུང་གི་འགོ་ཁྲིད་དངའབྲེལ་ཡོད་ལས་ཁུངས་མཉམ་ཞུགས་ཀྱི་ཐད་ལ་ཤུགས་སྣོན་བྱེད་དགོས་པར་མ་ཟད་ཐོག་སེར་ཉེན་བརྡ་ལ་ལྟ་ཞིབ།ཆ་འཕྲིན་ཁྱབ་སྤེལ་ལེགས་སྒྲིག་ཚན་རིག་སྒོས་དྲིལ་བསྒྲགས་བྱེད་པ་སོགས་ལ་ཤུགས་རྒྱག་དགོས།
伸开剩余84%མགོ་ལོག་དབུས་ལྷོ་རྒྱུད་ཀྱི་ཐོག་སེར་གནོད་འཚེའི་ཚད་རིམ་མཐོ་བ་དང་། རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁ་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོའི་སྐབས་ཐོག་སེར་གནོད་འཚེའི་ཉེན་ཁའི་རང་བཞིན་ཚོད་ལྟ་བྱས་པ་ལས།མགོ་ལོག་ཁུལ་གྱི་ཐོག་སེར་གནོད་འཚེའི་ཉེན་ཁའི་རང་བཞིན་གྱི་རིམ་པ་ལྟར་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་ཆེ་རུ་འགྲོ་བཞིན་ཡོད།དེ་མིན་རྨ་ཆེན་རྫོང་དབུས་རྒྱུད།དགའ་བདེ་རྫོང་གི་ས་ཁུལ་མང་ཆེ་ཤོས། དར་ལག་རྫོང་ལྷོ་རྒྱུད། པདྨ་རྫོང་ཤར་རྒྱུད། དེ་བཞིན་གཅིག་སྒྲིལ་རྫོང་བྱང་རྒྱུད་ས་ཁུལ་བཅས་ནི་གནོད་འཚེའི་ཉེན་ཁ་ཆེ་བའི་ས་ཁུལ་ཡིན།སྔོན་དཔག་བྱས་ན་2026ལོར་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་སུ་མགོ་ལོག་ས་ཁུལ་དུ་དྲོད་ཚད་ཅུང་མཐོ་བ་དང་། ཆར་ཆུ་མང་བ། རྒྱུ་རླུང་དྲག་པོའི་གནམ་གཤིས་ཡོད་པས། མགོ་ལོག་དབུས་ལྷོ་རྒྱུད་དུ་ཐོག་སེར་གནོད་འཚེའི་ཉེན་ཁའི་ཚད་རིམ་མཐོ་ཤོས་ཟིན་ཡོད།དེའི་ཁྲོད་རྨ་ཆེན་དང་དགའ་བདེ།གཅིག་སྒྲིལ།པདྨ་བཅས་ནི་ཐོག་སེར་གནོད་འཚེའི་ཉེན་ཁ་ཆེ་བའི་ས་ཁུལ་ཡིན།
金佰利app官方版下载(གཅིག)སྲིད་གཞུང་གི་འགོ་ཁྲིད་སྡེ་ཁག་ཀྱི་མཉམ་འགུལ་ལམ་སྲོལ་འཛུགས་སྐྱོང་བྱེད་པ་མཐོར་འདེགས་དང་ཁ་གསབ་བྱེད་པ།
སྲིད་གཞུང་སྡེ་ཁག་གིས་གནམ་གཤིས་གནོད་འཚེའི་འཕྲལ་བསྟུན་སྔོན་ཇུས་བཟོ་སྒྲིག་བྱས་ཏེ་ལས་ཁུངས་སོ་སོའི་འགོག་སྲུང་ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་དགོས།དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚོད་ཐོན་ལ་ཉེ་བས།སྲིད་གཞུང་ཁག་གིས་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་མ་ཟད།སྲིད་གཞུང་གིས་ལས་ཁུངས་ལ་སྣེ་ཁྲིད་བྱེད་པ་དང་ལས་ཁུངས་མང་བོ་མཉམ་ཞུགས་ཀྱིས་སྒོ་ནས་ཐོག་སེར་གནོད་འཚེའི་འཕྲལ་བསྟུན་དང་བདེ་འཇགས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།ད་དུང་འཕྲལ་བསྟུན་རོགས་སྐྱོར་མི་སྣ་དང་དངོས་ཟོག་སོགས་གྲ་སྒྲིག་གང་ལེགས་བྱ་དགོས།དེ་མ་ཟད་དུས་མཚམས་ཀྱི་ལྟ་སྐུལ་དོ་དམ་ལས་དོན་དང་སྔོན་བརྡའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།
(གཉིས)ཐོག་སེར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ་འབྲེལ་ཡོད་འགོག་སྲུང་ཕྱོགས་སྟོན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་དགོས་པ་དང་།ཉེན་ཁ་ཆེ་བའི་ས་ཁུལ་ལ་དམིགས་ནས་ཉིན་རེའི་བདེ་འཇགས་ལྟ་ཞིབ་དངGISམ་ལག་བེད་སྤྱད་དེ་ཐོག་སེར་གྱི་གནོད་འཚེའི་འགུལ་རྣམ་མཐོང་ཐུབ་པའི་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱ་རྒྱུ།རྒྱང་སྒྲོག་བརྙན་འཕྲིན་དང་ཁ་པར་གྱི་འཕྲིན་ཐུང་།འཕྲལ་བསྟུན་རྒྱང་སྒྲོག། སྐད་འཕྲིན།འདར་དབྱངས།མགྱོགས་འཕྲིན་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཐོག་སེར་གནོད་འཚེའི་ཉེན་བརྡ་དང་འགོག་སྲུང་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་དགོས།
(གསུམ)ཐོག་སེར་གནོད་འཚེ་སྔོན་འགོག་ཤེས་བྱའི་ཚན་རྩལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་རྡལ་དང་ཡུལ་ཚོ།དགོན་སྡེ།་སློབ་གྲྭ།འབྲོག་ཁུལ་སོགས་སུ་ཁྱབ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་དང་།ཁུལ་(གྲོང་ཁྱེར)དང་རྫོང་(ས་ཁུལ)ཡུལ་ཚོ(གྲོང་རྡལ)བཅས་རིམ་པ་གསུམ་གྱི་སྲིད་གཞུང་གི་ལས་བགོས་འགན་གཉེར་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་ཀྱི་ཁོངས་མི།འཕྲལ་བསྟུན་དོ་དམ་མི་སྣ་བཅས་ལ་ཁ་ཕྱོགས་ནས་ཐོག་སེར་སྔོན་འགོག་ཀྱི་ཤེས་བྱ་བོད་རྒྱ་སྐད་གཉིས་ཀྱི་སྒོ་ནས་དྲིལ་བསྒྲགས་བྱེད་དགོས།“གཡོལ་བ་གསུམ་དང་མི་བྱེད་པ་གསུམ”གཙོ་གནད་དུ་བཟུང་ནས་མང་ཚོགས་ཀྱི་རང་སྐྱོབ་འདུ་ཤེས་དང་དོགས་ཟོན་ནུས་པ་ཆེ་རུ་གཏོང་དགོས།
(བཞི)ཉིན་གུང་ནས་ས་སྲོད་བར་གྱི་དུས་ཚོད་ནི་ཐོག་སེར་གནོད་འཚེ་འབྱུང་སླ་ལ་ལྷག་པར་དུ(ཆུ་ཚོད17ནས19བར)ནི་ཐོག་སེར་གནོད་འཚེ་ཆེས་འབྱུང་སླ་བའི་དུས་ཚོད་ཡིན།དེ་བས་ང་ཚོའི་ངེས་པར་དུ་ཉེན་ཁ་ལས་གཡོལ་ཐབས་ཀྱི་ནུས་ལྡན་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་སྔ་མོ་ནས་འགྲོ་བ་དང་སྔ་མོ་ནས་ཕྱིར་ཁྱིམ་དུ་ལོག་དགོས།
(ལྔ།)ཡུན་རིང་ཕན་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།
འགོག་སྲུང་ཕན་འབྲས་སྲ་བརྟན་དུ་གཏོང་དགོས་ལ་ལོ་འཁོར་གྱི་སྤྱི་སྡོམ་དང་བསྐྱར་ལྟའི་ལམ་སྲོལ་འཛུགས་དགོས་པར་མ་ཟད་འབྲེལ་ཡོད་དོན་རྐྱེན་ལ་ཟུར་ལྟ་དང་ཟུང་འབྲེལ་བྱས་ནས་སྔ་མོ་ནས་སྔོན་བརྡ་གཏོང་བར་ཁ་གཏད་དགོས།དེ་ལས་གཞན་ཉེན་གཡོལ་དྲིལ་བསྒྲགས།སྐོར་ཞིབ་བཀོད་སྒྲིག་སོགས་ཀྱི་ཐབས་ཇུས་ལེགས་སྒྲིག་བྱ་དགོས།金佰利国际娱乐官网入口
发布于:北京市